重要!出院出舱人员注意啦ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་ནས་ཁྱིམ་དུ་ལོག་སྐབས་……

来源:西藏人口宣教中心

 


出院出方舱人员返家时需要注意什么?

首先,返家(居住地)途中,应全程佩戴医用外科口罩避免与同行人员交谈,下车后及时做好手卫生。到小区门口后,配合工作人员对行李表面进行消毒。出院出方舱人员在返家途中、小区门口和到达住处这一个环节要注意做好清洁消毒和个人防护。

其次,到达住处后,将随身物品和换下的外衣、鞋子放置在阳台通风处,及时用“肥皂/洗手液+流动水”洗手,并沐浴更衣;可将外衣、鞋子和更换下来的衣物分类使用250mg/L二氧化氯或500mg/L的含氯消毒液浸泡消毒30分钟,再进行清洗。随身行李如无需要,建议放置14天后再打开。

再次,出院出方舱人员应按要求继续进行 7 天居家健康监测,佩戴口罩,有条件的居住在通风良好的单人房间,减少与家人的近距离密切接触,分餐饮食,做好手卫生,避免外出活动。

最后,我们也呼吁,不要对出院出舱人员恐惧或歧视,两年多来持续的跟踪研究表明,符合出院出舱条件的人员不再具有传染性,其不但不传染,而且还获得了对本轮疫情的免疫力。之所以要求出院出舱人员进行7天的居家健康监测,也只是一种以防万一的策略。

 


སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མིས་ཁྱིམ་དུ་ལོག་སྐབས་ཡིད་གཟབ་གང་དག་བྱེད་དགོས།

དང་པོ། ཁྱིམ་དུ་(སྡོད་གནས་)ལོག་པའི་ལམ་བར་དུ། སྨན་བཅོས་ཕྱི་ནད་ཀྱི་ཁ་རས་བརྒྱབ་ནས་མཉམ་དུ་ལོག་མཁན་གྱི་མི་སྣ་དང་ཁ་བརྡ་མི་བྱེད་པ། རླངས་འཁོར་ལས་བབས་རྗེས་དུས་ཐོག་ཏུ་ལག་པའི་གཙང་སྦྲ་ཡག་པོ་བྱེད་དགོས། ཁུལ་ཆུང་གི་སྒོ་ཁར་སླེབས་རྗེས། ལས་དོན་མི་སྣས་ལམ་ཆས་ཀྱི་ཕྱི་ངོས་ལ་དུག་སེལ་བྱེད་པར་གཞོགས་འདེགས་བྱེད་པ། སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མི་སྣ་ཕྱིར་ཁྱིམ་ལ་ལོག་པའི་ལམ་བར་དང་ཁུལ་ཆུང་གི་སྒོ་རྩ། སྡོད་གནས་བཅས་སུ་སླེབས་པའི་བརྒྱུད་རིམ་འདི་དག་ལ་གཙང་སྦྲ་དང་དུག་སེལ་ལེགས་པོ་བྱེད་དགོས་པ་དང་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་དགོས།   

 

གཉིས་པ། སྡོད་གནས་སུ་སླེབས་རྗེས་ལུས་ཐོག་གི་དངོས་རྫས་དང་བརྗེ་གོན་བྱས་པའི་གྱོན་གོས། ལྷམ་བཅས་ཉི་གཡབ་ཀྱི་རླུང་རྒྱུག་སར་འཇོག་པ། དུས་ཐོག་ཏུ་འདག་རྫས་སམ་ཡང་ན་ལག་འཁྲུད་གཤེར་ཁུ། རྒྱུག་ཆུ་བཅས་ཀྱིས་ལག་པ་བཀྲུ་བ་དང་ཆབས་ཅིག་གཟུགས་པོ་བཀྲུས་ནས་གྱོན་གོས་བརྗེ་དགོས། སྟོད་ཐུང་དང་ལྷམ། གསར་དུ་བརྗེས་པའི་གྱོན་གོས་བཅས་ཧའོ་ཁེའམ་ཧྲེང་250ཡོད་པའི་དབྱང་གཉིས་ཁིལ་དང་། ཡང་ན་ཧའོ་ཁེའམ་ཧྲེང་500ཡོད་པའི་ཁིལ་དུག་སེལ་གཤེར་ཁུའི་ནང་སྐར་མ་30སྦངས་ནས་ཡང་བསྐྱར་གཙང་འཁྲུ་བྱེད་དགོས། ལམ་ཆས་ལ་དགོས་མཁོ་མེད་ཚེ་ཉིན་14བཞག་རྗེས་གཞི་ནས་ཁ་ཕྱེ་དགོས།   

གསུམ་པ། སྨན་ཁང་དང་སྒྲོམ་ཚང་ནས་དོན་པས་བླང་བྱ་ལྟར་མུ་མཐུད་དུ་ཉིན་7རིང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཁ་རས་རྒྱག་པ། རླུང་རྒྱུག་བདེ་བའི་མི་གཅིག་གི་ཁང་པའི་ནང་དུ་སྡོད་པ། ཁྱིམ་མི་དང་བར་ཐག་རིང་ཙམ་འཇོག་པ། བཟའ་བཏུང་གི་རིགས་དབྱེ་བ། ལག་པར་གཙང་སྦྲ་ལེགས་པོ་བྱེད་པ་བཅས་བྱས་ཏེ་ཕྱི་ལ་ཉུང་ཙམ་འགྲོ་དགོས།   

 

མཇུག་མཐར། ང་ཚོས་ཀྱང་སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མི་ལ་ཞེད་སྣང་དང་མཐོང་ཆུང་བྱེད་མི་རུང་། ལོ་གཉིས་ལྷག་གི་རིང་ལ་རྒྱུན་མཐུད་རྗེས་འདེད་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་ཆ་རྐྱེན་དང་མཐུན་པའི་མི་ལ་འགོས་ནད་རང་བཞིན་མེད་ལ། དེས་མ་ཚད་རིམས་ནད་འདིའི་འགོག་ནུས་ཀྱང་ཐོབ་ཀྱི་ཡོད། སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མི་ལ་ཉིན་7རིང་གི་ཁྱིམ་སྡོད་བདེ་ཐང་ལ་ལྟ་རྟོག་བྱེད་དགོས་པའི་བླང་བྱ་འདོན་པ་ནི་མ་བྱུང་སྔོན་འགོག་གི་བྱེད་ཐབས་ཤིག་ཡིན། 

发表评论
留言与评论(共有 0 条评论) “”
   
验证码:

相关文章

推荐文章